关于严厉打击非法开采、销售、运输砂石等违法行为的通告

来源:
浏览人数:0
日期:2026-06-04

关于严厉打击非法开采、销售、运输砂石等违法行为的通告

为保护桑珠孜区生态环境和矿产资源,防止水土流失,从严从重打击非法采砂行为,维护广大人民群众的切身利益,根据《中华人民共和国矿产资源法》《中华人民共和国水土保持法》《中华人民共和国环境保护法》《中华人民共和国刑法》《中华人民共和国自然保护区条例》等法律法规规定,决定对桑珠孜区范围内非法开采、销售、运输砂石等违法行为进行依法打击。现将有关事项通告如下:

一、砂石资源属于国家所有,未经批准任何组织和个人不得擅自在河道、水库、农田、林地、山体等处开采天然砂石。

    二、严禁在自然保护区、水源地、湿地公园及借河道(水库)清淤、堤防整治、涉河建设项目、低产田(林)改造和土地整理之机,盗采砂石。

    三、对非法开采砂石,运输,收购擅自采砂的,由相关主管部门责令停止开采,没收采出的矿产品和违法所得,并依据《西藏自治区矿产资源管理条例》或《日喀则市河道采砂管理条例》等进行处罚。

    四、公安机关及其公安派出所对报案、控告、举报或者日常工作中发现非法开采、收购销售等违法行为的,立即制止并移交相关职能部门,涉嫌犯罪的,依法追究刑事责任。全区范围内的车辆等交通运输工具装运砂石,应当持有砂石合法来源凭证,无砂石合法来源凭证的,由公安交警及各检查站暂扣违法运砂交通工具,待相关职能部门判定后依据相关规定从严处罚。

五、任何单位、个人不得收购、销售无合法来源凭证的砂石。

    六、各乡(街道)、村(居)做好辖区内的宣传教育工作,对辖区内非法开采、收购、销售、运输砂石等违法行为采取有效措施予以制止。

    七、在涉砂违法案件的处理中,凡发现国家公职人员、村(居)干部有纵容、包庇、参与等违纪违法行为的,移交区纪委监委查处。

    八、阻碍国家机关工作人员依法执行职务的,依照《中华人民共和国治安管理处罚法》的相关规定处理;构成犯罪的,移交司法机关依法追究刑事责任。

九、鼓励群众积极举报非法开采、销售、偷运砂石的行为。设立公开举报电话(日喀则市公安局桑珠孜分局:8660024;桑珠孜区自然资源局:8822478;桑珠孜区生态环境分局:8835126;桑珠孜区水利局:8822080;桑珠孜区林草局:8902722)。

    十、本通告自发布之日起实施。                     

                       

                        桑珠孜区人民政府

                        2025年 6月 25日


༄༅། །ཁྲིམས་འགལ་གྱིས་བྱེ་རྡོ་སྔོག་འདོན་དང་། ཕྱིར་འཚོང་། ལྐོག་འདྲེན་སོགས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།

རང་ཆུས་ཀྱི་འབྱུང་ཁམས་ཁོར་ཡུག་དང་གཏེར་ཁའི་ཐོན་ཁུངས་སྲུང་སྐྱོང་དང་། ས་ཆུ་གཉིས་ཤོར་སྔོན་འགོག ། ཁྲིམས་འགལ་གྱིས་བྱེ་རྡོ་སྔོག་འདོན་བྱེད་རིགས་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བསམ་གྲུབ་རྩེ་ཆུས་ཀྱི་ཁྱབ་ཁོངས་ནང་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་དང་། ཉོ་སྒྲུབ། ཕྱིར་འཚོང་། དབོར་འདྲེན་སོགས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པས།   ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

གཅིག། བྱེ་རྡོའི་ཐོན་ཁུངས་རྒྱལ་ཁབ་ལ་དབང་བས་སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཆོག་མཆན་མ་ཐོབ་པར་རང་འགར་ཆུ་ལམ་དང་། ཆུ་མཛོད། ཞིང་ཁ། ནགས་ས། རི་ཁ་སོགས་ནས་རང་བྱུང་བྱེ་རྡོ་སྔོག་འདོན་བྱེད་མི་ཆོག།

གཉིས། རང་བྱུང་སྲུང་སྐྱོང་ཁུལ་དང་། ཆུ་འགོ།  འདམ་རའི་སྤྱི་གླིང་བཅས་དང་དེ་བཞིན་ཆུ་ལམ(ཆུ་མཛོད)གྱི་འདམ་རྫབ་གཙང་སེལ་དང་། ཆུ་རགས་བཅོས་སྒྲིག། གཙང་པོ་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས། ཐོན་འབབ་དམའ་བའི་ཞིང་ཁ(ནགས)སྒྱུར་བཀོད་དང་ས་ཆ་ལེགས་སྒྲིག་བྱེད་པ་བཅས་ཀྱི་གོ་སྐབས་ལ་བརྟེན་ནས་བྱེ་རྡོ་ལྐོག་འདོན་བྱེད་མི་ཆོག།

གསུམ། ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་དང་སྐྱེལ་འདྲེན་བྱེད་པ་དང་། ཁྲིམས་འགལ་ངང་སྔོག་འདོན་བྱས་པའི་བྱེ་རྡོ་ཉོ་སྒྲུབ་བྱེད་མཁན་ལ་འབྲེལ་ཡོད་གཙོ་འགན་ཚན་པས་སྔོག་འདོན་བྱེད་མཚམས་འཇོག་རྒྱུའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་བྱེད་པའི་སྒྲིག་ཆས་བཀག་ཉར་བྱེད་རྒྱུ་ཡིན་ཞིང་སྔོག་འདོན་བྱས་པའི་གཏེར་རྫས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད《བོད་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག》ཡང་ན《གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཆུ་ལམ་དུ་བྱེ་མ་སྔོག་འདོན་བྱེད་པའི་དོ་དམ་སྲོལ་ཡིག》གི་དོན་ཚན་གཞིར་བཟུང་གཅོད་རྒྱུ་ཡིན།

བཞི། སྤྱི་བདེ་ལས་ཁུངས་དང་མངགས་གཏོང་ཁང་གིས་གྱོད་དོན་སྙན་སེང་འབྱོར་བ་དང་། ཞུ་གཏུག་འབྱོར་བ། ཐེར་འདོན་འབྱོར་བ་བཅས་སམ་ཡང་ན་རྒྱུན་གཏན་གྱི་ལས་ཀའི་སྐབས་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་དང་ཉོ་སྒྲུབ། ཕྱིར་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་འཕྲལ་མར་བཀག་འགོག་བྱ་རྒྱུ་མ་ཟད་འབྲེལ་ཡོད་འགན་ནུས་ཚན་པར་རྩིས་སྤྲོད་དགོས།  ཆུས་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འཕྲུལ་འཁོར་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཀྱིས་བྱེ་རྡོ་དབོར་འདྲེན་བྱེད་པར་ངེས་པར་དུ་བྱེ་རྡོའི་ཁྲིམས་མཐུན་ཡོང་ཁུངས་ཀྱི་དཔང་ཡིག་ཡོད་དགོས།  བྱེ་རྡོའི་ཁྲིམས་མཐུན་ཡོང་ཁུངས་ཀྱི་དཔང་ཡིག་མེད་ཚེ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་དང་ཞིབ་བཤེར་ས་ཚིགས་ཁག་གིས་ཁྲིམས་འགལ་ངང་བྱེ་རྡོ་དབོར་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་བཀག་ཉར་བྱས་ནས་འབྲེལ་ཡོད་འགན་ནུས་ཚན་པས་གཏན་འཁེལ་བྱས་རྗེས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ།

ལྔ། སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཁྲིམས་མཐུན་གྱི་ཡོང་ཁུངས་དཔང་ཡིག་མེད་པའི་བྱེ་རྡོ་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་མི་ཆོག།

དྲུག། ཤང་(དོན་གཅོད་ཁྲུའུ)དང་གྲོང་ཚོ(གྲོང་ལྷན)ཁག་གིས་མངའ་ཁོངས་སུ་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་དགོས་ཤིང་མངའ་ཁོངས་སུ་ཁྲིམས་འགལ་གྱིས་བྱེ་རྡོ་སྔོག་འདོན་དང་། ཉོ་སྒྲུབ། ཕྱིར་འཚོང་། སྐྱེལ་འདྲེན་སོགས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བྱ་ཐབས་ནུས་ལྡན་སྤྱད་དེ་བཀག་འགོག་བྱེད་དགོས།

བདུན། བྱེ་རྡོ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་གྲོང་ཚོའི(གྲོང་ལྷན)ལས་བྱེད་པས་རྒྱ་ཡན་དུ་བཏང་བ་དང། འགེབས་སྲུང་བྱས་པ། དེའི་ནང་ཞུགས་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པ་ཤེས་ཚེ་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས།

    བརྒྱད། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྩིས་སྤྲོད་རྒྱུ།

དགུ། ཁྲིམས་འགལ་གྱིས་བྱེ་རྡོ་སྔོག་འདོན་དང་། ཕྱིར་འཚོང་། ལྐོག་འདྲེན་བཅས་བྱེད་པའི་བྱ་སྤྱོད་མང་ཚོགས་ཀྱིས་ཐེར་འདོན་ཧུར་ཐག་བྱེད་དགོས། ཡོངས་བསྒྲགས་ཐེར་འདོན་ཁ་པར(གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུད་བསམ་གྲུབ་རྩེ་ཡན་ལག་ཅུད། ༨༦༦༦༠༠༢༤ བསམ་གྲུབ་རྩེ་ཆུས་རང་བྱུང་ཐོན་ཁུངས་ཅུད། ༨༨༢༢༤༧༨བསམ་གྲུབ་རྩེ་ཆུས་འབྱུང་ཁམས་ཁོར་ཡུག་ཡན་ལག་ཅུད། ༨༨༣༥༡༢༦ བསམ་གྲུབ་རྩེ་ཆུས་ཆུ་བེད་ཅུད། ༨༨༢༢༠༨༠ བསམ་གྲུབ་རྩེ་ཆུས་ནགས་ལས་དང་རྩྭ་ཐང་ཅུད།  ༨༩༠༢༧༢༢)བཅས་ཡིན།  

བཅུ། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།


བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་ནས།

  ༢༠༢༥ལོའི་ཟླ་༦པའི་ཚེས་༢༥ཉིན།